Pages Menu
Menu

Prières de souhaits de la Conduite des Êtres-d’Éveil

༈ །།སྤྱོད་འཇུག་ལས་བྱུང་བའི་བྱང་ཆུབ་སྤྱོད་པའི་སྨོན་ལམ་ནི།

Prières de souhaits de la Conduite des Êtres-d’Éveil extraite de ‘l’Entrée dans la Conduite’.

བདག་གིས་བྱང་ཆུབ་སྤྱོད་པ་ལ། །འཇུག་པ་རྣམ་པར་བརྩམས་པ་ཡི། །དགེ་བ་གང་དེས་འགྲོ་བ་ཀུན། །བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག

Par toute la vertu d’avoir composé parfaitement cette Entrée dans la Conduite des Êtres-d’Éveil, puissent tous ceux qui errent dans la Conduite de l’Éveil s’engager.

།ཕྱོགས་རྣམས་ཀུན་ན་ལུས་དང་སེམས། །སྡུགབསྡལ་ནད་པ་ཇི་སྙེད་པ། །དེ་དག་བདག་གིས་བསོད་ནམས་ཀྱིས། །བདེ་དགའ་རྒྱ་མཚོ་ཐོབ་པར་ཤོག

Partout où ils se trouvent dans toutes les directions, puissent les corps et les esprits affligés de souffrances ou de maladies, par nos mérites recevoir un océan de bonheur et de joie.

།དེ་དག་འཁོར་བ་ཇི་སྲིད་དུ། །ནམ་ཡང་བདེ་ལས་ཉམས་མ་གྱུར། །འགྲོ་བས་བྱང་ཆུབ་སེམས་དཔའ་ཡི། །བདེ་བ་རྒྱུན་མི་འཆད་ཐོབ་ཤོག

Tant que le Cycle durera, puissent-ils ne jamais voir leur bonheur décliner. Puissent ceux qui errent obtenir continuellement la félicité des Êtres-d’Éveil.

།འཇིག་རྟེན་ཁམས་ན་དམྱལ་བ་དག །གང་དག་ཇི་སྙེད་ཡོད་པ་རྣམས། །དེ་དག་ཏུ་ནི་ལུས་ཅན་རྣམས། །བདེ་ཅན་བདེ་བས་དགའ་བར་ཤོག

Tous ceux qui dans quelque enfer qui soit dans ce monde destructible se trouvent, puissent ceux qui ont une telle existence, jouir du bonheur de la Terre-de-Félicité.

།གྲང་བས་ཉམ་ཐག་དྲོ་ཐོབ་ཤོག །བྱང་ཆུབ་སེམས་དཔའི་སྤྲིན་ཆེན་ལས། །བྱུང་བའི་ཆུ་བོ་མཐའ་ཡས་ཀྱིས། །ཚ་བས་ཉམ་ཐག་བསིལ་བར་ཤོག

Puissent ceux qui sont affligés du froid obtenir la chaleur. Puissent ceux qui souffrent de la chaleur, par l’ondée ininterrompue issue du grand nuage des Êtres-d’Éveil, être rafraîchis.

།རལ་གྲི་ལོ་མའི་ནགས་ཚལ་ཡང་། །དེ་ལ་ཙན་དན་ནགས་སྟག་ཤོག །ཤལ་མ་ལི་ཡི་སྡོང་པོ་ཡང་། །དཔག་བསམ་ཤིང་དུ་འཁྲུངས་པར་ཤོག

Puissent les forêts aux feuilles d’épées en forêts d’arbres de santal se transformer. Puissent les arbres qui transpercent en Arbres-qui-exaucent-tous-les-Souhaits se changer.

།མཐིང་རིལ་ངུར་པ་དག་དང་ངང་པ་དང་། །བཞད་སོགས་སྐད་སྙན་འབྱིན་པས་མཛེས་གྱུར་ཅིག །པདྨ་དྲི་བསུང་ཆེ་ལྡན་མཚོ་དག་གིས། །དམྱལབའི་ས་ཕྱོགས་དག་ནི་ཉམས་དགར་ཤོག

Puissent les régions des enfers en paradis se transformer, où sur des lacs aux grands lotus parfumés des canards sauvages, des cygnes et autres oiseaux font résonner leurs chants merveilleux. Puissent les tas de braises en tas de joyaux se transformer.

།སོལ་ཕུང་དེ་ཡང་རིན་ཆེན་ཕུང་པོར་གྱུར། །ས་བསྲེགས་ཤེལ་གྱི་ས་གཞི་བསྟར་བར་ཤོག །བསྡུས་འཇོམས་རི་བོ་རྣམས་ཀྱངམཆོད་པ་ཡི། །གཞལ་མེད་ཁང་གྱུར་བདེ་གཤེགས་གང་བར་ཤོག

Puisse la terre embrasée en sol de cristal se transmuer. Puissent les montagnes qui écrasent en palais incommensurables d’offrandes se métamorphoser et se remplir de Ceux-qui-en-la-Félicité-Sont-Allés.

།མདག་མ་རྡོ་བསྲེགས་མཚོན་གྱི་ཆར་པ་དག །དེང་ནས་བཟུང་སྟེ་མེ་ཏོག་ཆར་པར་གྱུར། །ཕན་ཚུན་མཚོན་གྱིས་འདེབས་པ་དེ་ཡང་ནི། །དེང་ནས་བརྩེ་ཕྱིར་མེ་ཏོག་འཕེན་པར་ཤོག

Puissent les pluies de braises, de pierres ardentes et d’armes désormais se changer en pluies de fleurs. Puissent dorénavant les guerres et les batailles devenir des échanges de fleurs amicaux.

།ཆུ་བོ་རབ་མེད་མེ་དོང་འདྲ་ནང་བྱིང་བ་དག །ཤ་ཀུན་ཞིག་གྱུར་རུས་གོང་མེ་ཏོག་ཀུཊའི་མདོག །བདག་གི་དགེ་བའི་སྟོབས་ཀྱིས་ལྷ་ཡི་ལུས་ཐོབ་

ནས། །ལྷ་མོ་རྣམས་དང་ལྷན་ཅིག་དལ་གྱིས་འབབ་གནས་ཤོག

Puissent ceux qui sont dans les torrents de feu, où leurs os de jasmin blanc sont mis à nu, ayant obtenu un corps divin par la force de notre vertu, s’ébattre en compagnie de déesses dans les cascades célestes.

།ཅི་ཕྱིར་འདིར་ནི་གཤིན་རྗེའི་མི་དང་དང་བྱ་རྒོད་མི་བཟད་རྣམས་སྐྲག་བྱེད། །ཀུན་ནས་མུན་བསལ་བདེ་དགའ་བསྐྱེད་པའི་མཐུ་བཟང་འདི་ཀོ་སུ་ཡི་མཐུ་

སྙམ་སྟེ།

Par quoi les terrifiants hommes du Seigneur-de-la-Mort, ses chacals et ses vautours sont-ils donc effrayés ? Par quelle puissance de toutes parts les ténèbres sont-elles dissipées et la force pure de la félicité et de la joie répandue ?

།གྱེན་དུ་བལྟས་ན་ནམ་མཁའིདཀྱིལ་ན་ཕྱག་ན་རྡོ་རྗེ་འབར་བ་བཞུགས་མཐོང་ནས། །རབ་ཏུ་དགའ་བའི་ཤུགས་ཀྱིས་སྡིག་དང་བྲལ་ནས་དེ་དང་ལྷན་

ཅིག་འགྲོགས་པར་ཤོག

Regardant au firmament, ils voient Celui-qui-Tient-le-Sceptre-Adamantin flamboyant qui trône au milieu du ciel. Par la force de leur joie suprême, puissent-ils abandonner le mal et en une telle compagnie se rendre.

།མེ་ཏོག་ཆར་པ་སྤོས་ཆུ་དང་འདྲེས་འབབ་པ་ཡིས། །དམྱལ་བའི་མེ་མདག་ཆིལ་ཆིལ་གསོད་པ་མཐོང་གྱུར་ནས། །གློ་བུར་བདེ་བས་ཚིམ་པ་འདི་ཅི་

བསམ་པ་དང་། །སེམས་དམྱལ་རྣམས་ཀྱིས་ཕྱག་ན་པདྨ་མཐོང་བར་ཤོག

Voyant les étendues de lave des enfers éteintes par une pluie mélangée de fleurs et d’eau encensée, instantanément comblés de félicité et émerveillés, puissent les êtres des enfers vous voir, Vous-qui-Tenez-le-Lotus.

།གྲོགས་དག་འཇིགས་པ་བོར་ལ་རིང་པར་ཚུར་ཤོག་འུ་བུའི་ཐད་དུ་ནི། །གང་གི་མཐུ་ཡིས་སྡུག་བསྡལ་ཀུན་བྲལ་དགའ་བའི་ཤུགས་ཕྱིན་ལ། འགྲོ་བ་ཀུན་ནས་ཡོངས་སྐྱོབ་བྱང་ཆུབ་སེམས་དང་བརྩེ་བ་སྐྱེས་གྱུར་པ།

Amis, ne soyez pas effrayés et près de nous revenez. Au-dessus de nous vous résidez, votre pouvoir écarte toutes les souffrances et instaure la force et la joie, vous protégez entièrement tous ceux qui errent et en eux faites naître l’Esprit-d’Éveil et d’Amour.

།གཞོན་ནུ་ཟུར་ཕུད་ཅན་འབར་འཇིགས་པ་མེད་པར་བྱེད་པ་ཅི་ཞིག་ཕྱིན།

Corps de Jouvence au diadème flamboyant, vous détruisez tous les dangers.

ཁྱོད་ཀྱི་ལྷ་བརྒྱའི་ཅོད་པན་དག་གིས་ཞབས་ཀྱི་པདྨ་ལ་མཆོད་ཅིང་། །ཐུགས་རྗེས་བརླན་ཅན་དབུ་ལ་མེ་ཏོག་དུ་མའི་ཚོགས་ཀྱི་ཆར་འབབ་པ། ཁང་བརྩེགས་ཡིད་འོང་ལྷ་མོ་སྟོང་ཕྲག་བསྟོདདབྱངས་སྒྲོགས་ལྡན་འདི་ལྟོས་ཞེས།

Cent dieux vous honorent et déposent en offrande leur couronne à vos pieds de lotus, une pluie d’innombrables fleurs sur votre visage empreint de compassion se répand, un palais merveilleux où des milliers de déesses chantent vos louanges. འཇམ་དབྱངས་དེ་འདྲ་མཐོང་ནས་ད་ནི་སེམས་དམྱལ་ཅ་ཅོ་འདོན་པར་ཤོག །དེ་ལྟར་བདག་གི་དགེ་རྩས་ཀུན་ཏུ་བཟང་ལ་སོགས།

།བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་སྤྲིན་བདེ་བ་དང་། །བསིལ་ཞིང་དྲི་ཞིམ་ངད་ལྡན་ཆར་པ་འབེབས་མཐོང་ནས། །སེམས་ཅན་དམྱལ་བ་དེ་དག་མངོན་པར་དགའ་གྱུརཅིག

Ainsi une telle vision de Chant-de-Douceur ayant eue, puissent les êtres des enfers clamer leur joie. Ayant ainsi vu tomber des pluies fraîches et parfumées des purs nuages de félicité des Êtres-d’Éveil : Toujours-Excellent et les autres, par notre source de vertu, puissent ces êtres des enfers véritablement obtenir la joie.

།དུད་འགྲོ་རྣམས་ནི་གཅིག་ལ་གཅིག །ཟ་བའི་འཇིགས་དང་བྲལ་བར་ཤོག །སྒྲ་མི་སྙན་པའི་མི་བཞིན་དུ། །ཡི་དྭགས་རྣམས་ནི་བདེ་བར་གྱུར། །འཕགས་པ་སྤྱན་རས་གཟིགས་དབང་གི །ཕྱག་ནས་འབབ་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམ་བྱས་ཤིང་། ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག

Puissent les animaux être libres du danger d’être dévorés par les autres. Puissent les esprits tourmentés devenir aussi heureux que les habitants du Continent du Nord. Puissent les esprits tourmentés être rassasiés par l’ondée de lait qui s’écoule de la main du Noble Puissant dont-les-Yeux-Embrassent-le-Monde et jouir de la fraîcheur de ce bain.

།ལོང་བ་རྣམས་ཀྱིས་གཟུགས་མཐོང་ཞིང་། །འོན་པས་རྟག་ཏུ་སྒྲ་ཐོས་ཤོག །ལྷ་མོ་སྒྱུ་འཕྲུལ་ཇི་བཞིན་དུ། །སྦྲུམ་མའང་གནོད་མེད་བཙའ་བར་ཤོག

Pour toujours, puissent les aveugles voir et les sourds entendre. Tout comme la Déesse de l’Illusion, puissent les femmes enceintes engendrer sans douleur.

།གཅེར་བུ་རྣམས་ཀྱིསགོས་དག་དང་། །བཀྲེས་པ་རྣམས་ཀྱིས་ཟས་དག་དང་། །སྐོམ་པ་རྣམས་ཀྱིས་ཆུ་དག་དང་། །བཏུང་བ་ཞིམ་པོ་ཐོབ་པར་ཤོག

Puissent tous ceux qui sont nus être vêtus, les affamés être rassasiés et les assoiffés trouver de l’eau et des boissons délicieuses.

།བཀྲེན་པ་རྣམས་ཀྱིས་ནོར་ཐོབ་ཤོག །མྱ་ངན་ཉམ་ཐག་དགའ་ཐོབ་ཤོག །ཡི་ཆད་རྣམས་ཀྱང་ཡིད་གསོས་ཤིང་། །བརྟན་པ་ཕུན་སུམ་ཚོགས་པར་ཤོག

Puissent les démunis obtenir la richesse. Puissent les malheureux obtenir la joie. Puissent les désespérés retrouver l’espoir et des conditions idéales continuelles.

།སེམས་ཅན་ནད་པ་ཇི་སྙེད་པ། །མྱུར་དུ་ནད་ལས་ཐར་གྱུར་ཅིག །འགྲོ་བའི་ནད་ནི་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག

 Puissent tous les êtres affligés de maladies se trouver promptement guéris. Puissent les maux de ceux qui errent, sans aucune exception, à jamais disparaître.

།སྐྲག་པ་རྣམས་ནི་འཇིགས་མེད་ཤོག །བཅིངས་པ་རྣམས་ནི་གྲོལ་བར་འགྱུར།

Puissent ceux qui sont effrayés ne plus avoir peur. Puissent ceux qui sont attachés être libérés.

།མཐུ་མེད་རྣམས་ནི་མཐུ་ལྡན་ཞིང་། །ཕན་ཚུན་སེམས་ནི་བསྙེན་གྱུར་ཅིག །མགྲོན་པ་དག་ནི་ཐམས་ཅད་ལ།

།ཕྱོགས་རྣམས་ཐམས་ཅད་བདེ་བར་ཤོག །གང་གི་དོན་དུ་འགྲོ་བྱེད་པ༑ །དེ་འབད་མི་དགོས་འགྲུབ་གྱུར་ཅིག

Puissent les faibles devenir puissants et avoir un esprit d’entraide. Puissent tous les voyageurs être heureux partout où ils vont et que les projets qu’ils forment s’accomplissent aisément.

།གྲུ་དང་གྲུ་ཆེན་ཞུགས་པ་རྣམས། །ཡིད་ལ་བསམས་པ་གྲུབ་གྱུར་ཏེ། །ཆུ་ཡི་ངོགས་སུ་བདེར་ཕྱིན་ནས།

།གཉེན་དང་ལྷན་ཅིག་དགའ་བར་ཤོག

Puissent tous ceux qui partent en bateau ou en vaisseau voir se réaliser tous leurs souhaits et sains et saufs au rivage étant revenus, puissent-ils se réjouir en retrouvant leurs proches.

མྱ་ངམ་ལམ་གོལ་འཁྱམས་པ་རྣམས། །འགྲོན་པ་དག་དང་ཕྲད་གྱུར་ནས། །ཆོམ་རྐུན་སྟག་སོགས་འཇིགས་མེད་པར།

།མི་ངལ་བདེ་བླག་འདོང་བར་ཤོག

Puissent ceux qui errent, ayant perdu leur chemin dans les solitudes désertiques, rencontrant d’autres voyageurs, sans être menacés ni par les brigands, ni par les bêtes sauvages et autres, poursuivre leur route sans fatigue en évoluant aisément.

།དགོན་སོགས་ལམ་མེད་ཉམ་ང་བར། །བྱིས་པ་རྒན་པོ་མགོན་མེད་ཅིང་། །གཉིད་ལོག་མྱོས་ཤིང་རབ་མྱོས་རྣམས། །ལྷ་དག་སྲུང་བ་བྱེད་པར་ཤོག

Puissent ceux qui sont terrifiés, perdus dans le désert, les enfants et les vieillards sans protection, ceux qui sont abrutis par le sommeil et les fous, se trouver sous la garde des dieux.

།མི་དལ་ཀུན་ལས་ཐར་བ་དང་། །དད་དང་ཤེས་རབ་བརྩེ་ལྡན་ཞིང་། །ཟས་དང་སྤྱོད་པ་ཕུན་ཚོགས་ནས། །རྟག་ཏུ་ཚེ་རབས་དྲན་པར་ཤོག

Étant libres de toutes les contraintes, doués de foi, d’intelligence et d’amour, ayant obtenu une nourriture et une Conduite Parfaite, puissent les êtres se souvenir de toutes leurs vies.

།ཐམས་ཅད་ནམ་མཁའ་མཛོདབཞིན་དུ། །ལོངས་སྤྱོད་ཆད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག

Puissent-ils tous jouir de richesses ininterrompues pareilles à un trésor céleste. Puissent-ils en toute liberté en bénéficier, sans querelles ni menaces.

།སེམས་ཅན་གཟི་བརྗིད་ཆུང་ངུ་གང་། །དེ་དག་གཟི་བརྗིད་ཆེན་པོར་ཤོག །དཀའ་ཐུབ་ཅན་གང་གཟུགས་ངན་པ། །གཟུགས་བཟང་ཕུན་སུམ་ཚོགས་པར་ཤོག

Puissent les êtres qui ont peu d’éclat devenir resplendissants. Puissent ceux qui sont laids et dans la misère devenir beaux et réunir les meilleures conditions.

།འཇིག་རྟེན་བུད་མེད་ཇི་སྙེད་པ། །དེ་དག་སྐྱེས་པ་ཉིད་གྱུར་ཅིག །མ་རབས་རྣམས་ནི་མཐོ་ཐོབ་ཅིང་། །ང་རྒྱལ་དག་ཀྱང་བཅོམ་པར་ཤོག

Puissent toutes les femmes de ce monde obtenir une naissance aux conditions favorables. Puissent tous ceux qui sont inférieurs obtenir la supériorité et les orgueilleux devenir humbles.

།བདག་གི་བསོད་ནམས་འདི་ཡིས་ནི། །སེམས་ཅན་ཐམས་ཅད་མ་ལུསཔ༑ །སྡིག་པ་ཐམས་ཅད་སྤངས་ནས་ནི། །རྟག་ཏུ་དགེ་བ་བྱེད་པར་ཤོག

Par ce mérite que nous développons, puissent tous les êtres sans exception après avoir abandonné le mal toujours pratiquer la vertu.

།བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་གཟུང་ཞིང་། །བདུད་ཀྱི་ལས་ཀྱང་

སྤོང་བར་ཤོག

Sans se départir de l’Esprit de Sagesse et pratiquant la Conduite de l’Éveil, étant entièrement pris par la grâce des Sages-Éveillés, même des actes démoniaques puissent-ils se défaire.

།སེམས་ཅན་དེ་དག་ཐམས་ཅད་ནི། །ཚེ་ཡང་དཔག་མེད་རིང་བར་ཤོག །རྟག་ཏུ་བདེ་བར་འཚོ་འགྱུར་ཞིང་། །འཆི་བའི་སྒྲ་ཡང་གྲགས་མ་གྱུར།

Puissent tous ces êtres voir leur vie indéfiniment se prolonger. Demeurant continuellement en un océan de félicité, le mot de mort puissent-ils ne pas même l’entendre.

།དཔག་བསམ་ཤིང་གི་སྐྱེད་མོས་ཚལ། །སངས་རྒྱས་དང་ནི་སངས་རྒྱས་སྲས། །ཆོས་སྙན་སྒྲོགས་པས་གང་བ་ཡིས། །ཕྱོགས་རྣམས་ཐམས་ཅད་གང་བར་ཤོག

Puissent toutes les directions abonder de Jardins d’Arbres-qui-Exaucent-tous-les-Souhaits, où les Sages-Éveillés et les Êtres-d’Éveil donnent l’Enseignement plaisant à écouter.

།ཐམས་ཅད་དུ་ནི་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བཻ་ཌཱུརྱའི། །རང་བཞིན་འཇམ་པོར་གནས་གྱུར་

ཅིག

Puisse toute la terre parfaite dépourvue de cailloux et autres, devenir lisse comme la paume de la main et douce comme la nature du lapis-lazuli.

།འཁོར་གྱི་དཀྱིལ་འཁོར་ཡོད་དགུར་ཡང་། །བྱང་ཆུབ་སེམས་དཔའ་མང་པོ་དག །རང་གི་ལེགས་པས་ས་སྟེང་དག །བརྒྱན་པར་མཛད་པས་

བཞུགས་གྱུར་ཅིག

Puissent les nombreux purs Êtres-d’Éveil et les Cercles-Sacrés de leur entourage, partout présents, venir demeurer en ornement à l’endroit excellent où nous sommes.

།ལུས་ཅན་ཀུན་གྱིས་བྱ་དང་ནི། །ཤིང་དང་འོད་ཟེར་ཐམས་ཅད་དང་། །ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། །རྒྱུན་མི་འཆད་པར་ཐོས་པར་ཤོག །དེ་དག་རྟག་ཏུ་སངས་རྒྱས་དང་།

Puissent tous les êtres incarnés continuellement entendre le son de l’Enseignement venant des oiseaux, des arbres, de tous les rayons de lumière et même de l’espace.

སངས་རྒྱས་སྲས་དང་ཕྲད་གྱུར་ཅིག །མཆོད་པའི་སྤྲིན་ཕུང་མཐའ་ཡས་པས། །འགྲོ་བའི་བླ་མ་མཆོད་པར་ཤོག

Des Sages-Éveillés et des Êtres-d’Éveil puissent-ils toujours rencontrer et ces Maîtres-Insurpassables des êtres, puissent-ils les honorer d’amoncellements illimités de nuages d’offrandes.

།ལྷ་ཡང་དུས་སུ་ཆར་འབེབས་ཤིང་། །ལོ་ཏོག་ཕུན་སུམ་ཚོགས་གྱུར་ཅིག

Puissent les conditions favorables aux moments propices faire pleuvoir et ainsi les récoltes advenir idéalement.

།རྒྱལ་པོ་ཆོས་བཞིན་བྱེད་པ་དང་། །འཇིག་རྟེན་དག་ཀྱང་དར་བར་ཤོག

Puissent les Dirigeants agir en accord avec l’Enseignement-de-l’Éveil et ainsi les peuples devenir prospères.

།སྨན་རྣམས་མཐུ་དང་ལྡན་པ་དང་། །གསང་སྡགས་བཟླས་བརྗོད་འགྲུབ་པར་ཤོག །མཁའ་འགྲོ་སྲིན་པོ་ལ་སོགས་པ། །སྙིང་རྗེའི་སེམས་དང་ལྡན་གྱུར་ཅིག

Puissent les médecines être puissantes et la récitation des Verbes Secrets porter ses fruits. Puissent les voyageuses-célestes, les ogres et les autres devenir compatissants.

།སེམས་ཅན་འགའ་ཡང་སྡུག་མ་གྱུར། །སྡིག་པར་མ་གྱུར་ན་མ་གྱུར།

Puissent les êtres, si peu soient-ils, ne plus être malheureux, ne plus commettre d’actes nuisibles et ne plus être malades.

།འཇིགས་དང་བརྙས་པར་མི་འགྱུར་ཞིང་། །འགའ་ཡང་ཡིད་མི་བདེ་མ་གྱུར།

Puissent-ils tous ne plus avoir peur, ne pas être méprisés et ne plus jamais être tristes.

།གཙུག་ལག་ཁང་རྣམས་ཀློག་པ་དང་། ཁ་ཏོན་གྱིས་རྒྱས་ལེགས་གནས་ཤོག

Dans les temples, la lecture et la récitation puissent-elles se développer résolument.

།རྟག་པར་དགེ་འདུན་མཐུན་པ་དང་། །དགེ་འདུན་དོན་ཡང་འགྲུབ་པར་ཤོག

Puisse la Vertueuse-Assemblée vivre toujours en harmonie et accomplir son but.

།བསླབ་པ་འདོད་པའི་དགེ་སློང་དག །དབེན་པ་དག་ཀྱངཐོབ་པར་ཤོག །གཡེང་བ་ཐམས་ཅད་སྤངས་ནས་ནི། །སེམས་ནི་ལས་རུང་སྒོམ་གྱུར་ཅིག

Puissent Ceux-qui-Adoptent la Vertu, qui désirent s’entraîner, trouver un ermitage tranquille et solitaire. Toutes les distractions abandonnées, puisse leur esprit être apte à la méditation.

།དགེ་སློང་མ་རྣམས་ཪྙེད་ལྡན་ཞིང་། །འཐབ་དང་གནོད་པ་སྤོང་བར་ཤོག

Puissent Celles-qui-Adoptent-la-Vertu, étant à l’abri du besoin, abandonner les querelles et les nuisances.

།དེ་བཞིན་རབ་ཏུ་བྱུང་བ་ཀུན། །ཚུལ་ཁྲིམས་ཉམས་པ་མེད་གྱུར་ཅིག

Puissent ainsi tous ceux qui sont complètement ordonnés ne jamais endommager leur conduite éthique.

།ཚུལ་ཁྲིམས་འཆལ་བས་ཡིད་བྱུང་ནས། །རྟག་ཏུ་སྡིག་པ་ཟད་བྱེད་ཤོག

Regrettant les manquements à leur règle d’éthique, pour toujours puissent-ils épuiser les actes nuisibles.

།བདེ་འགྲོ་དག་ནི་ཐོབ་གྱུར་ནས། །དེར་ཡང་བརྟུལ་ཞུགས་མི་ཉམས་ཤོག

Renaissant dans les mondes heureux, puisse leur discipline éthique ne jamais se relâcher.

།མཁས་པ་རྣམས་ནི་བཀུར་བ་དང་། །བསོད་སྙོམས་དག་ཀྱང་ཪྙེད་པར་ཤོག །རྒྱུད་ནི་ཡོངས་སུ་དག་པ་དང་། །ཕྱོགས་རྣམས་ཀུན་ཏུ་གྲགས་

པར་ཤོག

Puissent les érudits être honorés et recevoir des dons. Puisse leur esprit être parfaitement pur et dans toutes les directions puissent-ils être renommés.

།ངན་སོང་སྡུག་བསྡལ་མི་མྱོང་ཞིང་། །དཀའ་བ་སྤྱད་པ་མེད་པར་ཡང་། །ལྷ་བས་ལྷག་པའི་ལུས་ཐོབ་ནས།

།དེ་དག་སངས་རྒྱས་མྱུར་ཐོབ་ཤོག

Dans les mondes inférieurs ne souffrant pas et ne subissant aucune épreuve, puissent-ils encore, après avoir obtenu un corps supérieur à celui des dieux, rapidement obtenir l’Éveil.

།སེམས་ཅན་ཀུན་གྱིས་ལན་མང་དུ། །སངས་རྒྱས་ཐམས་ཅད་མཆོད་བྱེད་ཅིང་། །སངས་རྒྱས་བདེ་བ་བསམ་ཡས་ཀྱིས།

།རྟག་ཏུ་བདེ་དང་ལྡན་གྱུརཅིག

Ayant fait de nombreuses fois des offrandes à tous les Sages-Éveillés, puissent tous les êtres demeurer continuellement dans le bonheur et la félicité inconcevables de l’Éveil.

།བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག

Puissent tous les souhaits des Êtres-d’Éveil pour le bien de ceux qui errent se réaliser. Quels que soient les souhaits de ces Protecteurs, puissent les êtres les accomplir.

།དེ་བཞིན་རང་སངས་རྒྱས་རྣམས་དང་། །ཉན་ཐོས་རྣམས་ཀྱང་བདེ་གྱུར་ཅིག

Ainsi, puissent les Vainqueurs-Solitaires et les Auditeurs obtenir la félicité.

།བདག་ཀྱང་འཇམ་དབྱངས་བཀའ་དྲིན་གྱིས། །ས་རབ་དགའ་བ་ཐོབ་བར་དུ། །རྟག་ཏུ་ཚེ་རབས་དྲན་པ་དང་། །རབ་ཏུ་བྱུང་བ་བྱེད་པར་ཤོག

Et nous-mêmes, jusqu’à ce que nous atteignions la Terre de Joie-Suprême, par la bienveillance de Chant-de-Douceur, puissions-nous toujours nous souvenir des existences antérieures et toujours nous conduire dans l’excellence.

།བདག་ནི་ཁ་ཟས་གྱི་ནས་ཀྱང་། །ཉམ་དང་ལྡན་ཞིང་འཚོ་བར་ཤོག །ཚེ་རབས་ཀུན་ཏུ་དབེནགནས་པ། །ཕུན་སུམ་ལྡན་པ་ཐོབ་པར་ཤོག

D’une nourriture simple et ordinaire puissions-nous vivre et dans toutes nos vies futures puissions-nous trouver un lieu de retraite idéal.

།གང་ཚེ་བལྟ་བར་འདོད་པའམ། །ཅུང་ཟད་དྲི་བར་འདོད་ན་ཡང་། །མགོན་པོ་འཇམ་དབྱངས་དེ་ཉིད་ནི། །གེགས་མེདཔར་ཡང་མཐོང་བར་ཤོག

Si nous désirons consulter quoi que ce soit ou même poser la moindre question, Protecteur-Chant-de-Douceur, puissions-nous vous voir en personne sans aucune obstruction.

།ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཀུན་དོན་བསྒྲུབ་བྱའི་ཕྱིར། །ཇི་ལྟར་འཇམ་དབྱངས་སྤྱོད་མཛད་པ།

།བདག་གི་སྤྱོད་པའང་དེ་འདྲར་ཤོག

Chant-de-Douceur, afin de pouvoir accomplir le bien de tous les êtres qui touchent aux confins de l’espace dans les dix directions, comme vous une activité semblable puissions-nous déployer.

།ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས།

།འགྲོ་བའི་སྡུག་བསྡལ་སེལ་བར་ཤོག

Aussi longtemps que demeurera l’espace, aussi longtemps que demeureront les êtres, aussi longtemps nous demeurerons afin de dissiper la souffrance de ceux qui errent.

།འགྲོ་བའི་སྡུག་བསྡལ་གང་ཅིའང་རུང་། །དེ་ཀུན་བདག་ལ་སྨིན་གྱུར་ཅིག །བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས།

།འགྲོ་བ་བདེ་ལ་སྤྱོད་པར་ཤོག

Quelles que soient les souffrances des êtres, puissent-elles toutes mûrir en nous. Par la Vertueuse-Assemblée des Êtres-d’Éveil, puissent ceux qui errent jouir de la félicité.

།འགྲོ་བའི་སྡུག་བསྡལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་

གྱུར་ཅིག

Unique remède à la souffrance des êtres et source de tous les bonheurs, puisse l’Enseignement-de-l’Éveil être encouragé, honoré et longtemps demeurer.

།གང་གི་དྲིན་གྱིས་དགེ་བློ་བྱུང་། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་བདག་དར་བ། །དགེ་བའི་བཤེས་ལའང་བདག་ཕྱག་འཚལ།།

Chant-de-Douceur, par votre bonté apparaît l’Esprit Vertueux, devant vous nous nous inclinons. Ami-de-Vertu, par votre bienveillance nous progressons, devant vous aussi nous nous inclinons.